首页>正文

珠角拉山路段路况差,好几个急弯悬崖处有车毁人亡痕迹?最新回复在这里

来源: 西藏举报中心官方微信时间: 2020-03-02

  作品简介:西藏自治区网信办报送的《珠角拉山路段路况差,好几个急弯悬崖处有车毁人亡痕迹?最新回复在这里(藏汉双语)》获选2019年度中国互联网辟谣影响力优秀作品。微博用户发布“珠角拉山路段路况差,好几个急弯悬崖处有车毁人亡痕迹”相关信息引发网民担忧。西藏自治区网信办及时联系昌都市网信办举报中心,通报昌都市公安局交通警察支队进行了核查,根据回复于8月2日编发藏汉双语文章发布。

  ཉེ་ཆར། ངེད་དྲ་རྒྱའི་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ལྟེ་གནས་སུ“པོད་འཕྲིན་སྤྱོད་མཁན་གྱིས“ཆབ་མདོ་ནས་རི་བོ་ཆེ་རྫོང་བར་གྱི་གྲུ་གུ་ལ་ཕུག་ལམ་ད་ལྟའི་ཆར་ཤར་གཏོང་ཐུབ་མེད་པ་དང་། ལམ་དུམ་ཧྲིལ་པོའི་བྱེ་ས་ཁེངས་ལ་འགྲོ་ལམ་དོག་པ། མ་ཟད་ལམ་བར་དུ་རླངས་འཁོར་དོན་རྐྱེན་བྱུང་བ་འཕྲད་ཅིང་། རླངས་འཁོར་ཆེན་པོ་འཁོར་བསྐྱོད་དཀའ་ལ་ཀྱག་ཀྱོག་དང་གཡང་གཟར་མང་བའི་ཁུལ་དུ་རླངས་འཁོར་ཆགས་རུམ་དང་མི་ཤི་རྨས་བྱུང་བའི་རྗེས་ཤུལ་མཐོང་རྒྱུ་འདུག ཆུ་ཚོད་གཉིས་ཏག་ཏག་ཕྱིན་པས་གཞི་ནས་བདེ་བླག་ངང་བསྐྱོད་ཚར་སོང་། འདི་ནི་རྒྱལ་ལམ་317ཐོག་ཕུག་ལམ་ཤར་གཏོང་ཐུབ་མེད་པའི་ལམ་བུ་གཅིག་ཤོས་དེ་ཡིན་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4670ཡོད”ཞེས་པའི་འབྲེལ་ཡོད་ཆ་འཕྲིན་དེ་ཐེར་འདོན་བྱས་བྱུང་།

  近日,举报中心接到网民举报,有微博用户发布“昌都到类乌齐途中的珠角拉山隧道尚未正常通行,全程沙土路灰大路窄,途中又遇车祸,大车会车困难,拥堵缓行,一路看见好几个急弯悬崖处都有车毁人亡的痕迹,整整两个小时方才顺利走完,这是317国道上仅存的还没有贯通隧道的道路,海拔4670米”相关信息。

  ངེད་ཐེར་འདོན་ལྟེ་གནས་ཀྱིས་འཕྲལ་མར་ཆབ་མདོ་གྲོང་ཁྱེར་དྲ་སྦྲེལ་གཞུང་ལས་ཁང་གི་ཐེར་འདོན་ལྟེ་གནས་སུ་འབྲེལ་བ་བྱས་སྟེ་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལ་ཞིབ་བསྡུར་བྱེད་དགོས་པའི་བརྡ་བཏང་བས་ལན་བྱས་པ་གཤམ་གསལ།

  我中心立即联系昌都市网信办举报中心,通报昌都市公安局交通警察支队进行了核查,回复如下:

  གཅིག ཆབ་མདོ་ནས་རི་བོ་ཆེ་རྫོང་བར་གྱི་གྲུ་གུ་ལའི་ལམ་དུམ་དུ་འགྲོ་ལམ་དོག་ལ་རི་མཐོ་རོང་ཟབ་ཞིང་། མིག་སྔར་ཕུག་ལམ་ད་དུང་ཤར་གཏོང་ཐུབ་མེད་པས། རླངས་འཁོར་ཆ་ཚང་ལམ་དུམ་དེ་བརྒྱུད་ནས་འགྲོ་རྒྱུ་ལས་མ་འདས།

  1.昌都至类乌齐途中的珠角拉山路段,道路狭窄,山高谷深,目前珠角拉山隧道还未通车,所有车辆只能由此路段通行,路况较差。

  གཉིས། ཆ་འཕྲིན་ཁྲོད“ཀྱག་ཀྱོག་གཡང་གཟར་མང་བའི་ཁུལ་དུ་རླངས་འཁོར་ཆགས་རུམ་དང་མི་ཤི་རྨས་བྱུང་བའི་ཤུལ་མཐོང་རྒྱུ་འདུག”ཞེས་པར་དེར་དམིགས་ནས། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ལས་འཛོལ་ཚན་ཁག་དང་རི་བོ་ཆེ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གཉིས་ཀྱིས་ཞིབ་དཔྱད་བྱས་པ་བརྒྱུད།2018ལོ་ནས་ད་བར་ལམ་དུམ་དེར་འགྲིམ་འགྲུལ་ལས་འཛོལ་ཐོན་མེད་པས“རླངས་འཁོར་ཆགས་རུམ་དང་མི་ཤི་རྨས་བྱུང་བའི་རྗེས་ཤོར”ཞེས་པ་ནི་2018ལོའི་གོང་གི་གནས་ཚུལ་ཡིན།

  2.针对信息中“有好几个急弯悬崖处都有车毁人亡的痕迹”,经昌都市公安局交通警察支队事故科和类乌齐县交警大队核实,2018年至今在该路段未发生车辆坠崖的交通事故,“车毁人亡的痕迹”系2018年以前车辆坠崖产生的痕迹和事故车辆。

  གསུམ། མིག་སྔར་ཆར་དུས་ཀྱི་དུས་ཚིགས་ཡིན་པ་མ་ཟད་གཞུང་ལམ་འཁོར་བསྐྱོད་ཀྱི་ཆ་རྐྱེན་ཅུང་ཞན་པས་རླངས་འཁོར་འགྲོ་བསྐྱོད་ཀྱི་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ལམ་དུམ་དེར་རླངས་འཁོར་ཆེ་གྲས་ཁག་འཁོར་བསྐྱོད་བྱེད་པར་དུས་ཚོད་དབྱེ་བ་ཕྱེ་སྟེ(ཆུ་ཚོད་6ནས་ཆུ་ཚོད་12བར་ཆབ་མདོ་ནས་རི་བོ་ཆེ་རྫོང་བར་དང་།ཆུ་ཚོད་14ནས་18བར་གྱི་རི་བོ་ཆེ་ནས་ཆབ་མདོ་བར་)ཤར་བགྲོད་ཐུབ་པ་བྱེད་པ་དང་། རླངས་འཁོར་ཆུང་གྲས་ལ་ཚད་བཀག་མེད་པའི་བཅས་ཀྱི་དོ་དམ་བྱེད་ཐབས་ལག་བསྟར་བྱས་ཡོད།

  3.目前处于雨季,加之道路环境通行条件较差,为确保车辆通行安全,昌都市公安局交通警察支队对该路段实行大车分时段(6点至12点昌都至类乌齐;14点至18点类乌齐至昌都)通行,小车不限行的管理措施。

  བཞི། འགྲིམ་འགྲུལ་དང་འགྲོ་ལམ་ཁོར་ཡུག་སྔར་བས་ཡག་པ་ཞིག་ཏུ་གཏོད་ཆེད། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གཞུང་ལམ་བདག་སྐྱོང་ཚན་པ་དང་མཉམ་འབྲེལ་བྱས་ནས་ལམ་དུམ་དེར་འགྲིམ་འགྲུལ་དྲིལ་བསྒྲགས་དང་ཁྲིད་སྟོན་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་དང་སྒྲུབ་བཞིན་ཡོད།

  4.为进一步营造良好的交通环境和道路环境,昌都市公安局交通警察支队俄洛支队联合公路养护部门在该路段将继续做好交通宣传和引导工作。

责任编辑: 董晓
030020040100000000000000011100001210497669